From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཕྱ་བའི་ལྟུང་བྱེད
|
Tibetan Definition
|
(འདུལ་བ) འབའ་ཞིག་པ་དགུ་བཅུའི་བཅུ་གཉིས་པ། འཕྱ་བའི་ལྟུང་བྱེད་ཀྱི་ངོ་ཏི་ནི། དགེ་འདུན་གྱི་ཞལ་ཏ་ཚུལ་བཞིན་དུ་བྱེད་པའི་དགེ་སློང་ལ་བཅས་ལྡན་དགེ་སློང་དམན་པའི་གྲངས་སུ་བགྲངས་བས་བདག་དང་འབྲེལ་བའི་དོན་གྱིས་ཐོས་པར་འཕྱའམ་གཞོགས་འཕྱས་བྱས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་མ་ཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཞལ་ཏ་བ་ལ་འཕྱ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །
|