8401

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྱེ་བོ
Tibetan Definition རྐང་པ་ཞ་བོ། རྗེའི་རིམ་ལྔ་གསལ་སྒྲོན་ལས། དེ་བས་ན་འཕྱེ་བོ་དང་ལོང་བ་བཞིན་དུ་འདི་གཉིས་ལ་འབྲེལ་བ་ཡོད་ན་དོན་གྱི་བྱ་བ་འགྲུབ་བོ་ཞེས་ཟེར་རོ། །ཞེས་གསུངས་པ་ལྟ་བུ། མདོ་སྡེ་ལས་བརྒྱ་པ་༼ ཧ ༽༤༧བ་༡ལས། འཕྱེ་བོ་འགྲོ་མི་ནུས་པ་ཞིག་ཏུ་གྱུར་ཏེ། ཞེས་གསུངས་པ་ལྟ་བུ། འདུལ་བ་ལུང་གཞི་༼ ཁ་པར ༽གཞོན་ནུ་ཆུ་སྐྱེས་ཀྱི་གཏམ་རྒྱུད་དུའང་འཕྱེ་བོ་ཞེས་པ་ཞ་བོ་ལ་གསུངས་སོ། །