8402

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕྱེན
Tibetan Definition (བརྡ་རྙིང) (འདུལ་བ) རྟུག་དྲི། འོག་རླུང་། ཕྱེན་ཞེས་ཀྱང་སྣང་། ལུང་ཞུ་བ་༼ པ ༽༣༠༧བ༧ལས། འཕྱེན་གྱི་བྱ་བ་གང་ཞེ་ན། སྟོན་པའི་མདུན་དུ་མི་གཏང་། མཆོད་རྟེན་གྱི་དྲུང་དུ་མ་ཡིན། མཁན་པོ་དང་སློབ་དཔོན་གྱི་དྲུང་དུ་མ་ཡིན། བླ་མའི་དྲུང་དུ་མ་ཡིན། བླ་མར་བྱ་བའི་དྲུང་དུ་མ་ཡིན། གྲོང་གི་ནང་དུ་སྐྱེ་བོའི་མདུན་དུ་མ་ཡིན། ཕྱི་ཕྱིར་གཏང་བར་མི་བྱ། དེ་སྟེ་ཡང་ཕྱི་ཕྱིར་གཏོང་བ་ཞིག་ཏུ་གྱུར་ན་གུད་དུ་སོང་ལ་གཏང་བར་བྱའི། དེའི་རྐྱེན་གྱིས་གཞན་ལ་མི་བང་བར་འགྱུར་བར་མི་བྱ་སྟེ། འདི་ནི་འཕྱེན་གྱི་བྱ་བ་ཞེས་བྱའོ། །ཞེས་གསུངས་སོ། །