8436

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབར་གོག
Tibetan Definition གྲྭ་ལོག་གི་མིང་། འདི་ཁ་སྐད་ལྟར་བྲིས་པ་ཡིན་ལ། དོན་ལ་བ་གོག་ཅེས་བྲིས་ན་ལེགས། བ་ནི་བནྡེ། གོག་ནི་གོག་པོ་སྟེ་ཕན་མི་ཐོགས་པའི་དོན་ནོ། །བན་ལོག་ཟེར་བ་དང་དོན་གཅིག འདིའི་འབར་ཞེས་པ་ལེགས་སྦྱར་གྱི་བནྡེ་ཞེས་པ་དེ་ལས་དྲས་པ་ཡིན་ཏེ། ལེགས་སྦྱར་གྱི་སྐད་ལ་རབ་བྱུང་ལ་བནྡེ་ཞེས་བརྗོད་ལ། དེ་ལས་དྲས་ན་བ་གོག་གམ་འབར་གོག་ཅེས་པ་བྱུང་བ་ཡིན་ནོ། །བནྡེ་ཞེས་པ་བརྗོད་པའི་ཚེ་འབན་དྷེ་ཞེས་པ་ལྟ་བུར་བརྗོད་དགོས་ཏེ། ལེགས་སྦྱར་གྱི་སྐད་ལ་བ་ལ་འབའ་ཞེས་བརྗོད་པའི་ཕྱིར་རོ། །