8442

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབི་འབི
Tibetan Definition <བིམྦཾ> སྐུ་གཟུགས་ཀྱི་དོན་ཡིན་ཀྱང་། ཚ་ཚ་འདེབས་བྱེད་ཀྱི་འཇིམ་པའི་གོང་བུ་ཆུང་ངུའི་མིང་དུ་གྲགས། འདི་ལེགས་སྦྱར་གྱི་སྐུ་གཟུགས་ཀྱི་སྐད་དོད “ बिंबं ” བིམྦཾ་ཟུར་ཆག་པས། འབུམ་པ་དང་འབི་འབི་ཞེས་བརྗོད་པར་ལི་ཤིའི་གུར་ཁང་ལས་གསུངས་ཏེ། དེ་ཉིད་ལས། བིམྦཾ་ཞེས་སྐུ་གཟུགས་ཀྱི་སྐད་དོད་ཟུར་ཆག་པས་འབུམ་པ་དང་ “འབི་འབི” དང་། ཞེས་གསུངས་སོ། །བོད་རྒྱ་ཚིག་མཛོད་ཆེན་མོར། ཧྲིལ་ཧྲིལ་གྱི་མིང་དུ་བཤད། འཇིམ་པའི་འབི་འབི། བལ་གྱི་འབི་འབི། བག་ཕྱེའི་འབི་འབི། ཞེས་གསལ།