8450

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབུམ་པ
Tibetan Definition <བིམྦཾ> སྐུ་གཟུགས་ཀྱི་དོན་ཡིན་ཀྱང་། མཆོད་རྟེན་གྱི་མིང་དུ་གྲགས་ཤིང་། བོད་རྒྱ་ཚིག་མཛོད་ཆེན་མོར་ཡང་དེ་ལྟར་གསུངས། མཆོད་རྟེན་ལ་འབུམ་པ་ཞེས་པའི་ཐ་སྙད་འདི་བླུན་པོའི་ཡུལ་སྐད་ཡིན་པར། མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་ཏེ། གསུང་ཐོར་བུ་«སྨྲ་བ་རྣམ་པར་ངེས་པ་རབ་དཀའི་འཇུག་པ»༣༡ན༢ལས། མཆོད་རྟེན་ཐང་ཀ་རས་རིས་དང་། །རྡོ་རྗེ་དྲིལ་བུ་ཞེས་བརྗོད་ཀྱི། །འབུམ་པ་ཐངས་སྐུ་རྡར་ཤེ་དང་། །དྲིལ་ལུ་བླུན་པོའི་ཡུལ་སྐད་ཡིན། །ཞེས་གསུངས་སོ། །འདི་ལེགས་སྦྱར་གྱི་སྐུ་གཟུགས་ཀྱི་སྐད་དོད “ बिंबं ” བིམྦཾ་ཟུར་ཆག་པས། འབུམ་པ་དང་འབི་འབི་ཞེས་བརྗོད་པར་ལི་ཤིའི་གུར་ཁང་ལས་གསུངས། འབི་འབི་ཞེས་པའི་ཐད་དུ་གཟིགས།