8451

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབུམ་སྡེ་ལྔ
Tibetan Definition ཤེར་ཕྱིན་གྱི་མདོ་ཐུགས་ཀྱི་འབུམ། མྱང་འདས་ཀྱི་མདོ་གསུང་གི་འབུམ། དཀོན་བརྩེགས་ཀྱི་མདོ་སྐུའི་འབུམ། ཕལ་པོ་ཆེའི་མདོ་ཡོན་ཏན་གྱི་འབུམ། ལང་ཀར་གཤེགས་པའི་མདོ་འཕྲིན་ལས་ཀྱི་མདོ་དང་བཅས་པ་ལ། བོད་དུ་འབུམ་སྡེ་ལྔ་ཞེས་གྲགས་སོ། །འདི་རྣམས་ལ་འབུམ་ཞེས་བརྗོད་པའི་རྒྱུ་མཚན་ནི། ཤེར་ཕྱིན་གྱི་མདོ་ལ་ཤོ་ལོ་ཀ་འབུམ་ཡོད་པ་དང་། མདོ་མྱང་འདས་ལ་སངས་རྒྱས་མྱ་ངན་ལས་འདའ་ཁར་ཞལ་ཆེམས་འབུམ་བཞག་པ་དང་། དཀོན་མཆོག་བརྩེགས་པ་ལ་སངས་རྒྱས་མཚན་མི་འདྲ་བ་འབུམ་ཡོད་པ་དང་། ཕལ་པོ་ཆེ་ལ་སྨོན་ལམ་འབུམ་ཡོད་པ་དང་། ལང་ཀར་གཤེགས་པ་ལ་སྲིན་པོ་འབུམ་བཏུལ་ཚུལ་ཡོད་པས་ན་འབུམ་ཞེས་བྱའོ། །ཞེས་བསྟན་དར་ལྷ་རམས་པའི་ཤེར་སྙིང་འགྲེལ་པ་༤བ་ན་གསལ།