848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏད་པའི་སྤང་ལྟུང
Tibetan Definition (འདུལ་བ) འདི་ལ་བརྟད་པའི་སྤང་ལྟུངཞེས་འབྲི་དགོས་པ་ལ་གཏད་པའི་སྤང་ལྟུངཞེས་བྲིས་པ་ནི་ཡི་གེ་ནོར་བའོ། །བོད་རྒྱ་ཚིག་མཛོད་ཆེན་མོར། གཏད་པའི་སྤང་ལྟུང་ཞེས་འབྱུང་བ་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་ཤེས་བྱ་མཛོད་འགྲེལ་ལ་གཞི་བྱས་པར་སྣང་སྟེ། དེ་ཉིད་ལས། གཏད་པ་ལས་བྱུང་བའི་སྤང་པ་ནི། སྦྱིན་བདག་གིས་གཏད་པའི་དབྱར་གྱི་རྙེད་པ་དབྱར་མཚམས་ཀྱི་ནང་དུ་ལོངས་སྤྱོད་པའོ། །ཞེས་འབྱུང་བ་འདི་ཡིན་པར་མངོན་ལ། འོན་ཀྱང་འདི་ལ་བརྟད་པའི་སྤང་ལྟུང་ཞེས་སྨྲ་དགོས་ཏེ། མདོ་རྩ་བར། དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་དོ། །ཞེས་པའི་སྐབས་ཀྱི་སྤང་ལྟུང་ཉེར་དྲུག་པ་ནི་དབྱར་ནང་བརྟད་པ་སྟེ་གློ་བུར་དུ་བྱུང་བའི་རྙེད་པ་ལ་བརྟེན་པའི་སྤང་ལྟུང་ལ་ཟེར་བས། བརྟད་པའི་སྤང་ལྟུང་ཞེས་བརྗོད་ན་གློ་བུར་བའི་དོན་དང་འབྱོར་ཞིང་། མཚོ་ཊཱིཀ་ལས་ཀྱང་། བརྟད་པའི་དབང་གིས་ཞེས་གློ་བུར་གྱི་དབང་གིས་ཏེ་རྐྱེན་དབང་ངོ་། །ཞེས་གསུངས་ཤིང་། འདུལ་བ་ལུང་རྣམ་འབྱེད་དང་། སློབ་དཔོན་ཡོན་ཏན་འོད་ཀྱི་མདོ་རྩ་རང་འགྲེལ། ཀུན་མཁྱེན་མཚོ་སྣ་བ་ཆེན་པོའི་འདུལ་ཊཱིཀ་ཉི་མའི་འོད་ཟེར (མཚོ་ཊཱིཀ) ། རྗེ་ཙོང་ཁ་པ་ཆེན་པོའི་འདུལ་བ་མདོ་རྩ་བའི་ཟིན་བྲིས་སོགས་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་འཕགས་བོད་ཀྱི་གཞུང་ལུགས་ཕལ་མོ་ཆེར་བརྟད་པའི་སྤང་ལྟུང་ཞེས་འབྱུང་བས། བརྟད་པའི་སྤང་ལྟུང་ཞེས་སྨྲས་ན་ལེགས་པར་སེམས་སོ། །བརྟད་པའི་སྤང་ལྟུང་ལ་གཟིགས།