8481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྱུང་བ
Tibetan Definition 8 ལམ། ལམ་པོ་ཆེ་ནས་འབྱུང༌། གསེབ་ནས་འབྱུང་ཞེས་པ་ལྟ་བུའོ། །དེ་ཡང་མཚོ་ཊཱིཀ་ལས། དེ་ཡང་འབྱུང་བ་ཞེས་བྱ་བའི་སྒྲ་ནི་དོན་མང་པོ་ལ་འཇུག་སྟེ། རྐང་གིས་འགྲོ་བ་ལ་ཡང་འབྱུང་བའི་སྒྲ་འཇུག་སྟེ། རྐང་ཐང་གིས་འབྱུང་ཞེས་པ་ལྟ་བུའོ། །བཞོན་པ་ལ་ཡང་འབྱུང་བའི་སྒྲ་འཇུག་སྟེ། གླང་པོ་ཆེས་འབྱུང༌། རྟས་འབྱུང་ཞེས་པ་ལྟ་བུའོ། །གནས་ལའང་འཇུག་སྟེ། གྲོང་དུ་འབྱུང༌། གྲོང་ཁྱེར་དུ་འབྱུང་ཞེས་པ་ལྟ་བུའོ། །ལམ་ལ་ཡང་འཇུག་སྟེ། ལམ་པོ་ཆེ་ནས་འབྱུང༌། གསེབ་ནས་འབྱུང་ཞེས་པ་ལྟ་བུའོ། །ཊཱིཀ་ལས། འཐོབ་པར་བྱ་བ་ལ་ཡང་འབྱུང་བ་ཞེས་བྱ་སྟེ། འབྱུང་བ་ནི་འཐོབ་པར་བྱ་བའོ་ཞེས་ཟེར་རོ། །དེ་དག་ལས་འདིར་ནི་འབྱུང་བའི་སྒྲ་འཐོབ་པར་བྱ་བ་ཁོ་ནར་བཟུང་སྟེ། ངེས་པར་ཞེས་བྱ་བའི་སྒྲ་སྨོས་པའི་ཕྱིར་རོ་ཞེས་སོ། །ཞེས་གསུངས་པ་ལྟར་རོ། །མཚོ་ཊཱིཀ་ལས་གསུངས་པ་དེ། སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་སྟོད་ཆ་༣ན༢ལས་གསུངས་པ་ཇི་ལྟ་བ་བཞིན་བཀོད་འདུག་གོ།