8482

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྱུང་བ་བཞི
Tibetan Definition ༡ ས། (ས་ནི་འཐས་པ་ཉིད་དང༌། མཁྲང་བ་ཉིད་དང༌། སྲ་བ་ཉིད་དེ་དེའི་བྱེད་ལས་ནི་འཛིན་པའོ) ༢ ཆུ། (ཆུ་ནི་གཤེར་བ་ཉིད་དང༌། སྣུམ་པ་ཉིད་དང༌། ཞུ་བ་ཉིད་དེ། དེའི་བྱེད་ལས་ནི་སྡུད་པའོ) ༣ མེ། (མེ་ནི་དྲོ་བ་ཉིད་དེ། བྱེད་ལས་ནི་འཚེད་པ་དང་སྐེམ་པ་ཉིད་དོ) ༤ རླུང༌། (རླུང་ནི་ཡང་ཞིང་གཡོ་བ་སྟེ། བྱེད་ལས་ནི་བསྐྱེད་པ་དང་འཕེལ་བའོ། །ཞེས་ཕུང་པོ་ལྔའི་རབ་བྱེད་ལ་གཞི་བྱས) སྒྲ་བཤད་ནི། ས་སོགས་པ་བཞི་པོ་དེ་དག་ལ་འབྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ནི། དེ་དག་ལས་དབྱིབས་དང་ཁ་དོག་དྲི་རོ་རེག་བྱ་སོགས་འབྲས་བུའི་གཟུགས་རྣམས་འབྱུང་བའི་ཕྱིར་འབྱུང་བ་ཞེས་བྱ་བའམ། ཡང་ན་སེམས་ཅན་གྱི་ལས་ཀྱི་དབང་གིས་འཁོར་བ་ཐོགས་མེད་ནམ་ཡང་མ་བྱུང་མ་མྱོང་བས་ན་འབྱུང་བ་ཞེས་བྱའོ། །