8485

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྱེད་སྡུད
Tibetan Definition (བརྡ་སྤྲོད) དབྱེ་གཞི་གཅིག་ལས་དབྱེ་ཆོས་བྱེ་བྲག་པ་མང་པོར་འབྱེད་པ་དང༌། བྲེ་བྲག་པ་མང་པོ་གཞི་གཅིག་གི་སྟེང་དུ་སྡུད་པའི་དོན་སྟོན་པའི་ཕྲད་གཞན་དབང་ཅན་ཞིག་སྟེ། དེ་ལ། གམ། ངམ། དམ། ནམ། བམ། མམ། འམ། རམ། ལམ། སམ། ཏམ་བཅས་བཅུ་གཅིག་གོ། 1 (འབྱེད་སྡུད་དངོས་ལ་གཉིས་ལས) (འབྱེད་པ་ནི) དབང་པོ་ནི་ལྔ་སྟེ། མིག་གམ། རྣ་བའམ། སྣའམ། ལྕེའམ། ལུས་བཅས་སོ་ལྟ་བུ། (སྡུད་པ་ནི) མིག་གམ། རྣ་བའམ། སྣའམ། ལྕེའམ། ལུས་བཅས་ནི་དབང་པོ་ལྔའོ་ལྟ་བུ། 2 (དྲི་ཚིག་ལ་འཇུག་པ་ནི) སྐུ་ཁམས་བདེ་ལགས་སམ་ལྟ་བུ། བདེན་ནམ་མི་བདེན། ལྷ་ཡིན་ནམ་མི་ཡིན་ལྟ་བུ། 3 (འདམ་ང་ཅན་ལ་འཇུག་པ་ནི) ཆོས་སམ་ཡང་ན་སྲིད་ལ་མོས་ལྟ་བུ། ཕལ་སྐད་དུ། “ཡང་མིན་ན” ཟེར་བའི་ཚོད་དང༌། “དང” “ཡང་ན” ཞེས་པའི་ཕྲད་འདུས་དང་འཇུག་པ་མཚུངས་པར་བཤད་པའང་མཐོང༌། དཔེར་ན་ས་སྐྱ་ལེགས་བཤད་ལས། ཡོན་ཏན་ཀུན་རྫོགས་སྐྱེ་བོ་བསྟེན། །ཡང་ན་ཐ་མལ་འགྲོགས་པ་བདེ། །བུམ་པ་ཆུ་ཡིས་གང་བ་འམ། །ཡང་ན་སྟོང་པ་ཁུར་བ་བདེ། །ལྟ་བུ།