8491

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲང་བ
Tibetan Definition (བྱེད་འབྲེལ) 1 རྗེས་སུ་འགྲོ་བའི་དོན། དཔེར་ན་སངས་རྒྱས་ཀྱི་རྗེས་སུ་འབྲང་། ཞེས་པ་ལྟ་བུ། འབྲང་བ། འབྲངས། འབྲང་བ། འབྲོངས། 2 (འདུལ་བ) (བྱེད་མེད) བཙའ་བ་དང་། སྐྱེ་བ། ལུང་རྣམ་འབྱེད་༼ ཆ་པ ༽༢༣༩བ༢ལས། དེ་ལ་སེང་གེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་གང་གི་ཚེ་འབྲང་བའི་ཚེ་དུས་ལ་བབ་པ་དེའི་ཚེ། ཞེས་དང་། བ་འབྲངས་ནས་རིང་པོ་མ་ལོན་པ་བེའུ་རྗེས་སུ་སྐྱོང་བར་བྱེད་པ་ཞིག་ཁྱུའི་ཕྱི་བཞིན་འབྲང་ཞིང་། ཞེས་གསུངས་པ་ལྟ་བུའོ། །