8492

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲང་བཏབ་སྟེ་འདུག་པ
Tibetan Definition གུར་ཕུབ་ནས་སྡོད་པའམ། ཚ་ཕོགས་བརྒྱབ་ནས་སྡོད་པའི་དོན། འདུལ་བ་ལུང་གཞི་པོད་༼ ག ༽ལས། ཇི་ཙམ་ན་མི་དམུ་ཆུས་གང་བ་སྨན་པ་ཐམས་ཅད་ཀྱིས་སྤངས་པ་ཞིག་སྐྱེད་མོས་ཚལ་དེར་སོང་ནས་ནུབ་མོ་འབྲང་བཏབ་སྟེ་འདུག་ནས། ཀྱེ་མའོ་བདག་ནི་མི་མ་ཡིན་པས་བསད་ཀྱང་ཅི་མ་རུང་སྙམ་མོ། །དེ་ཉིད་དུ་འཚོ་བྱེད་ཀྱང་ནུབ་མོ་འབྲང་བཏབ་སྟེ་འདུག་གོ། ཞེས་གསུངས་པ་ལྟར་རོ། །