8515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་བུའི་ཐེག་པ
Tibetan Definition སྔགས་ཀྱི་ཐེག་པ། འབྲས་བུ་སངས་རྒྱས་ཀྱི་གནས་ལུས་ལོངས་སྤྱོད་མཛད་པ་རྣམས་དང་རྣམ་པ་མཐུན་པའི་ལམ་ད་ལྟ་ཉིད་ནས་སྒོམ་པས་ན་འབྲས་བུའི་ཐེག་པ་ཞེས་བྱའོ། །དེ་ཡང་གནས་ནི་གཞལ་ཡས་ཁང༌། ལུས་ནི་ལྷའི་འཁོར་ལོ་སྟེ་སྐུ། ལོངས་སྤྱོད་ནི་མཆོད་པའི་ཡོ་བྱད། མཛད་པ་ནི་སྣོད་བཅུད་སྦྱོང་བ་སོགས་ཀྱི་མཛད་པ་ཅན་དུ་སྒོམ་པས་ན་འབྲས་བུའི་ཐེག་པའོ། །ཞེས་རྗེའི་སྔགས་རིམ་ཆེན་མོ་ལ་གཞི་བྱས་ཏེ་བཀོད། མཁས་གྲུབ་ཆོས་རྗེའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༤༢བ༣ ལས། སྔགས་ཀྱི་ཐེག་པ་འདི་ནི་སངས་རྒྱས་ཀྱི་གནས་སྐབས་ཇི་འདྲ་བ་ཞིག་ད་ལྟ་ནས་བསྒོམ་ནས་འབྲས་བུ་ལམ་དུ་བྱེད་པའི་ཐེག་པ་ཡིན་པས་འབྲས་བུའི་ཐེག་པ་ཞེས་གསུངས་ཏེ། ཞེས་གསུངས་སོ། །