8519

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་རྟགས
Tibetan Definition འབྲས་བུ་རྟགས་སུ་བཀོད་པའི་གཏན་ཚིགས་ཏེ། དཔེར་ན་དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། དཔེར་ན་ཚང་མང་བཞིན། ཞེས་བཀོད་པའི་ཚེ་ན་དུ་བ་ལྟ་བུ། འབྲས་རྟགས་ཀྱི་མདོའི་ཁུངས་ནི། ས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་པའི་མདོ་དེའོ། །