8520

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་རྟོགས་གཉིས་པ
Tibetan Definition འབྲས་རྟོགས་གཉིས་པ་འདི་གཙོ་བོ་སེམས་ཙམ་པའི་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་གཞག་ཡིན། སེམས་ཙམ་པའི་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་གཞག་ནི། གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་ནི་མདོ་སེམས་གཉིས་ཀས་ཁས་ལེན་ཀྱང་འབྲས་རྟོགས་གཉིས་པའི་གཞུང་དེ་དག་གིས་སེམས་ཙམ་པའི་ལུགས་གཙོ་བོར་གཏན་ལ་འབེབས་པས། སེམས་ཙམ་ཐུན་མོང་མ་ཡིན་པའི་ཚད་འབྲས་ནི་འདི་ལྟར་བྱ་སྟེ། རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོའི་རྣམ་པ་གཞལ་བྱ། དེ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་དངོས་སུ་རྟོགས་པ་འབྲས་བུ་ནི་གཞན་རིག་གི་ཚད་འབྲས་སོ། །ཡང་རང་གི་བདག་ཉིད་དུ་གྱུར་པའི་གཞལ་བྱ་རིག་པའི་གཟུང་རྣམ་གཞལ་བྱ། དེ་ལ་སྒྲོ་འདོགས་གསར་དུ་གཅོད་པའི་འཛིན་རྣམ་ཚད་མ། རང་རིག་པའི་ཚད་མ་འབྲས་བུའོ། །ཞེས་ལྕང་སྐྱའི་གྲུབ་མཐའ་སོགས་སུ་གསུངས་པ་ལྟར་རོ། །