8521

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་རྟོགས་གསུམ་པ
Tibetan Definition འབྲས་རྟོགས་དང་གཉིས་གཉིས་ཀྱི་ཤུགས་ལ་ཐོན་པའི་ཚད་འབྲས་ཀྱི་རྣམ་གཞག་ནི། རྒྱལ་ཚབ་ཐམས་ཅད་མཁྱེན་པས། མདོ་སྡེ་པས་ཕྱི་དོན་དུ་འདོད་པའི་གཟུགས་གཞལ་བྱ། དེ་ལ་རང་ཡུལ་གྱི་རྣམ་པ་ཤར་བའི་སྒོ་ནས་གསར་དུ་མི་སླུ་བའི་རིག་པ་ཚད་མ། རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུ་ཞེས་པའི་ཚད་འབྲས་ཀྱི་རྣམ་གཞག་ཅིག་གཞུང་གི་ཤུགས་ལ་ཐོན་པར་བཞེད་དོ། །མཁས་གྲུབ་ཐམས་ཅད་མཁྱེན་པས་ནི། འབྲས་རྟོགས་གསུམ་པའི་གཞུང་དེ་དག་གིས། རང་ལུགས་ཀྱི་ཚད་འབྲས་འཐད་ལྡན་དུ་བསྒྲུབས་པ་ཡིན་གྱི་སྔ་མ་གཉིས་ལས་རྣམ་གཞག་ལེགས་པར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་ཕྲུགས་གསུམ་པ་ཞིག་སྟོན་པ་མིན་ནོ། །ཞེས་བཞེད་དོ། །