8522

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་རྟོགས་དང་པོ
Tibetan Definition འབྲས་རྟོགས་དང་པོ་འདི་གཙོ་བོ་མདོ་སྡེ་པའི་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་གཞག་ཡིན། མདོ་སྡེ་པའི་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་གཞག་ནི། སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་བའི་སྒོ་ནས་དེ་ལ་གསར་དུ་མི་སླུ་བའི་རིག་པ་ཚད་མ། སྔོན་པོ་རྟོགས་པ་འབྲས་བུའོ། །འབྲས་རྟོགས་དང་པོའི་རྣམ་གཞག་འདི་ནི་གཙོ་བོར་མདོ་སྡེ་པའི་དབང་དུ་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་ཡིན་ཞིང་སེམས་ཙམ་པས་ཀྱང་མི་འདོད་པ་མིན་ནོ། །མདོ་སྡེ་པས་དབང་ཤེས་ལ་ཤར་བའི་སྔོན་པོའི་རྣམ་པ་ནི་དོན་གྱིས་གཏད་པའི་རྣམ་པར་འདོད་ལ། སེམས་ཙམ་པས་དོན་སྣང་བའི་བག་ཆགས་ལས་སྐྱེས་འདོད་དོ། །ཞེས་ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང་ངོ༌། །