8537

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུ་རིགས་སྐོར
Tibetan Definition འབྲུའི་ས་བོན། འབྲུའི་ལྗང་པ། འབྲུའི་ངར་བ། ངར་བ་ཞེས་པ་སྡོང་བུའམ་ཡུ་བ་ལ་ཟེར། འབྲུའི་སྙེ་མ། འདི་ལ་དོག་པ་ཡང་ཟེར། འབྲུའི་སྦུན་པའམ་སྐོགས་པ། འབྲུའི་ཤུན་སྐོགས་དང་ཤུན་པ། སྐོགས་ཤུན་སོགས་ཟེར། འབྲུའི་གྲ་མ། འདི་ནི་འབྲུའི་སྙེ་མའི་མཐར་སྐྱེས་པའི་སྤུ་རིང་པོ་ཀུ་ཤའི་རྩེ་མོ་ལྟ་བུ་ཟིང་ཟིང་དེའི་མིང་། སྲུས། ནས་དང་། གྲོ ཨ་ཤོམ་སོགས་འབྲུ་རིགས་ཡོངས་སུ་མ་སྨིན་གོང་གི་སྙི་ལ་བཟས་ན་རོ་མངར་མོ་ཡོད་པའི་འབྲུ་རིགས་གསར་པའི་མིང་།