8549

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུའི་ཆང
Tibetan Definition (འདུལ་བ) བཟའ་བའི་རིགས་ལས་བཟོས་པའི་ཆང་ལ་ཟེར། འབྲས་ཆན་དང་ནས་ཆན་སོགས་བཟའ་བའི་རིགས་ལས་བཟོས་པ་རྣམས་སོ། །ལུང་རྣམ་འབྱེད་༼ ཉ ༽༣༤ན༧ ལས། འབྲུའི་ཆང་ཞེས་བྱ་བ་ནི་ཆན་གྱི་བཏུང་བ་དང་། ཕྱེའི་བཏུང་བ་དང་། ཕབས་ཀྱི་གཏུང་བའོ། །ཞེས་གསུངས་སོ། །འབྲུའི་ཆང་དང་། བཅོས་པའི་ཆང་གི་ཁྱད་པར་ནི། བཟའ་བའི་རིགས་ལས་བཟོས་པ་ལ། འབྲུའི་ཆང་། བཅའ་བའི་རིགས་ལས་བཟོས་པ་ལ། བཅོས་པའི་ཆང་ཞེས་བྱའོ། །