8550

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲེག་མཁན
Tibetan Definition (འདུལ་བ) སྐྲ་དང་ཁ་སྤུ་སོགས་བཞར་མཁན་གྱི་མིང་། གནའ་བོ་རྒྱ་གར་དུ་འབྲེག་མཁན་རྣམས་རིགས་དམན་པར་བརྩི་ཞིང་། འཕགས་པའི་ཉན་ཐོས་ཆེན་པོ་ཉེ་བར་འཁོར་རམ་ཨུ་པཱ་ལི་ཞེས་བྱ་བའང་འབྲེག་མཁན་གྱི་རིགས་ཡིན་པར། བཟང་ལྡན་གྱི་རྟོགས་པ་བརྗོད་པའི་སྐབས་ཀྱི་རྟོགས་བརྗོད་བརྒྱ་པར་གསལ་ལོ། །འདུལ་བ་ལུང་སོགས་སུ་འབྲེག་མཁན་ཞེས་བྲིས་ཤིང་། ངག་སྒྲོན་དུ་འདྲེག་མཁན་ཞེས་སྣང་ངོ་། །