8554
Jump to navigation
Jump to search
འབྲེལ་སྒྲ | |
Tibetan Definition | (བརྡ་སྤྲོད) འབྲེལ་གཞི་དང་འབྲེལ་ཆོས་ཀྱི་འབྲེལ་བ་གསལ་བར་སྟོན་པའི་ཕྲད་གཞན་དབང་ཅན་ཞིག་སྟེ། གི་ཀྱི་གྱི་འི་ཡི་སྟེ་ལྔའོ། །1 འབྲེལ་གཞི་སྟོན་པའི་སྒྲ་ལ་འཇུག་པ་ནི། དཔེར་ན་ཤིང་སྡོང་གི་ཡལ་ག་ཞེས་པ་ལྟ་བུ། ང་ཡི་ཆོས་གོས་ལྟ་བུ། 2 མི་མཐུན་པའི་རྒྱན་ལ་འཇུག་པ་ནི། དཔེར་ན་ས་སྐྱ་ལེགས་བཤད་ལས། ཤེས་རབ་ལྡན་པས་ཉེས་པ་དག སེལ་བར་ནུས་ཀྱི་བླུན་པོས་མིན། །ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །གསོད་པར་ནུས་ཀྱི་ཁྭ་ཏས་མིན། །ལྟ་བུ། |
---|