8556

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲོག་མི་ལོ་ཙཱ་བ
Tibetan Definition མར་པས་ལོ་ཙཱའམ་སྒྲ་སྦྱོང་སའི་བླ་མ་ཞིག མར་པས་ཁོང་ལས་སྒྲ་ལོ་གསུམ་གྱི་རིང་སྦྱངས་ཏེ་བརྡ་འཕྲོད་ངེས་མཁྱེན་པར་གྱུར་ཏོ། །རྗེ་མར་པའི་རང་རྣམ་གསུང་མགུར་ལས། ལས་འཕྲོ་དཀར་པོའི་ཆོས་ལ་སད། །དཔལ་མུ་གུ་ལུང་གི་དགོན་པ་རུ། །སྒྲ་སྒྱུར་འབྲོག་མི་ལོ་ཙཱ་ལ། །སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚང་བསླབས།། ཁོང་སྐུ་དྲིན་མི་ཆུང་ཆེ་བར་འཁུམས། །ཞེས་གསུངས་པ་ལྟར་རོ། །