8559

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཚག་པ
Tibetan Definition ལུས་ཀྱི་མདངས་བཟང་བའམ། ཉམས་རྒྱས་པའམ། ཡན་ལག་དང་ཉིང་ལག་རྒྱས་པའི་དོན་དུ་བཤད། མཚག་པ་ཞེས་ཀྱང་འབྲིའོ། །རྒྱ་གར་གྱི་སློབ་དཔོན་བློ་གྲོས་ཆེན་པོའི་བཤེས་སྤྲིང་གི་འགྲེལ་པ་༼ ངེ ༽༨༧ན༦ལས། འཚག་ནི་ཡན་ལག་དང་ཉིང་ལག་རྒྱས་པའོ། །ཞེས་གསུངས། བཤེས་སྤྲིངས་ལས་ཀྱང༌། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་གསུངས་སོ། །པཎ་ཆེན་ཤཱཀ་མཆོག་པས་ཀྱང་། འཚག་ཅེས་བྱ་བ་མདངས་ཀྱི་མིང་། །ཞེས་ཀྱང་གསུངས་སོ། །