8585

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛམ་གླིང་བྱེ་བ་ཁྲག་བརྒྱ
Tibetan Definition འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་བརྒྱ་སྟེ་ཐེར་འབུམ་གཅིག་ཡོད་ཅེས་པའི་དོན་ནོ། །དེ་ཡང་མངོན་པ་མཛོད་ཀྱི་གསུང་སྲོལ་ལ། གླིང་བཞི། ཉི་ཟླ་གཉིས། རིའི་རྒྱལ་པོ་རི་རབ། འདོད་ལྷ། ཚངས་པའི་འཇིག་རྟེན་ཏེ་བསམ་གཏན་དང་པོའི་བར་གྱི་འཇིག་རྟེན་གྱི་ཁམས་འདི་རྣམས་གཅིག་པུ་མིན་པར། འདི་དང་འདྲ་བ་བྱེ་བ་ཁྲག་བརྒྱ་སྟེ། ཐེར་འབུམ་གཅིག་ཡོད་ཅེས་གསུང་གི་ཡོད་པ་དེ་ལ་འཛམ་གླིང་བྱེ་བ་ཁྲག་བརྒྱ་ཟེར་བ་རེད། བྱེ་བ་ཁྲག་བརྒྱ་ནི། ཐེར་འབུམ་གཅིག་དང་ (one billion: 1,000,000,000) དུང་འཕྱུར་བཅུ་རྣམས་དོན་གཅིག འཛམ་གླིང་བྱེ་བ་ཁྲག་བརྒྱ་བརྩི་ཚུལ་ནི། གླིང་བཞི། ཉི་ཟླ་གཉིས། རིའི་རྒྱལ་པོ་རི་རབ། འདོད་ལྷ། ཚངས་པའི་འཇིག་རྟེན་ཏེ་བསམ་གཏན་དང་པོའི་བར་གྱི་འཇིག་རྟེན་གྱི་ཁམས་སྟོང་ལ་ནི། སྟོང་སྤྱི་ཕུད་དང༌། སྟོང་སྤྱི་ཕུད་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས། བར་མའི་འཇིག་རྟེན་གྱི་ཁམས་སྟོང་ལ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །མཛོད་རྩ་བ་ལས། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་གསུངས་སོ། །བར་མའི་འཇིག་རྟེན་ལ་གླིང་བཞི་སོགས་ས་ཡ་གཅིག་དང༌། སྟོང་གསུམ་གྱི་སྟོང་ཆེན་པོ་ལ་གླིང་བཞི་སོགས་ཐེར་འབུམ་གཅིག་ཡོད་དོ། །