8592

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛིན་མ
Tibetan Definition ས་གཞིའམ་སའི་མིང་། འདི་ནི་ལེགས་སྦྱར་གྱི་དྷ་ར་ཞེས་པ་འཛིན་པ་ལ་འཇུག་པས། དེ་ལ་བརྟེན་ནས་འཛིན་མ་ཞེས་བཏགས་པ་ཡིན། འདི་ལ་འཛིན་པ་ཞེས་མི་ཟེར་བར་འཛིན་མ་ཞེས་བརྗོད་པ་ནི། ལག་པས་འཛིན་པ་སོགས་འཁྲུལ་གཞི་གཞན་དང་ནོར་བ་སྤོངབའི་ཆེད་དང་། གཞན་ཡང་ས་གཞི་ནི་སྐྱེས་དངོས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་མ་དང་འདྲ་བས་མོ་སྒྲ་སྦྱར་བར་སེམས་སོ། །སྒྲ་བཤད་ནི། འོག་ཏུ་མི་ལྟུང་བར་འཛིན་པར་བྱེད་པས་ཆ་ནས་དེ་སྐད་ཅེས་བཏགས།