8594

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛིན་རྣམ
Tibetan Definition ཤེས་པ་དེའི་མྱོང་བ་གསལ་རིག་གི་ཆ་ལ། འཛིན་རྣམ་ཟེར། དེ་དང་རང་རིག་མངོན་སུམ་དོན་གཅིག མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། མིག་ཤེས་ཉམས་སུ་མྱོང་བའི་ཆ་ལ།མིག་ཤེས་ཀྱི་འཛིན་རྣམ་ཞེས་བྱ་ཞིང་། དེ་དང་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་ཁྱད་པར་མེད་དོ། །ཞེས་གསུངས་སོ། །ཤེས་པའི་གཟུང་རྣམ་ནི་ཤེས་པ་དེ་ཉིད་ལ་གོ་དགོས་ཏེ། དེ་ཉིད་ལས། མིག་ཤེས་ཀྱི་གཟུང་རྣམ་མིག་ཤེས་ཉིད་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། བཤད་པར་བྱ་སྟེ། འདི་ལྟར་མིག་ཤེས་ཀྱི་གཟུང་རྣམ་མིག་ཤེས་མ་ཡིན་ན། འོས་གཞན་མེད་པས་མིག་ཤེས་ཀྱི་ཡུལ་ཡིན་པར་འདོད་དགོས་ནའང་། དེ་མི་འཐད་དེ། མིག་ཤེས་ཆོས་ཅན། ཁྱོད་རང་རིག་མངོན་སུམ་ཡིན་པར་ཐལ། ཁྱོད་རང་གི་བདག་ཉིད་དུ་གྱུར་པའི་ཡུལ་རིག་པའི་མངོན་སུམ་ཡིན་པའི་ཕྱིར། ཞེས་སོགས་གསུངས་སོ། །གཟུང་རྣམ་དང་འཛིན་རྣམ་གྱི་ཁྱད་པར་ཞིབ་པར། གཟུང་རྣམ་ཞེས་པའི་ཐད་དུ་གཟིགས།