86

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀསྟུ་བྷ
Tibetan Definition (ལེགས་སྦྱར) རིན་པོ་ཆེའི་རིགས་ཤིག་གི་མིང་སྟེ་བསྒྱུར་ན་ས་རྟེན་ཞེས་འགྱུར་ཏེ། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་རིན་ཆེན་བརྟག་ཐབས་འཁྲུལ་བྲལ་མེ་ལོང་ལས་ཀསྟུ་བྷ་ནི་ས་རྟེན་ཞེས་འགྱུར་བས་དེ་ནི་ཚངས་པ་དང་དབང་ཕྱུག་གི་ནོར་བུ་ཡིན་པར་བཤད་དོ། །ཞེས་འཕགས་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ན་གསལ།