8604

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོ་ཐུག
Tibetan Definition (འདུལ་བ) འོ་མའི་འབྲས་ཐུག་སྦྲང་རྩི་ལྟར་མངར་བ་ཞིག་གི་མིང་། རྒྱ་གར་བས་ཁཱིར་ खीर ཟེར་བ་དེའོ། །སྔོན་བདག་གི་སྟོན་པ་ལོ་དྲུག་དཀའ་སྤྱད་མཛད་པའི་ཚེ། བུ་མོ་སུ་ཛ་ཏའམ་ལེགས་སྐྱེས་མས་སྟོན་པ་ལ་འོ་ཐུག་ཕུལ་ཟེར་བའང་རྒྱ་གར་གྱི་ཁཱིར་ཟེར་བ་འདི་རང་ཡིན། སྦྱིན་སྲེག་གི་མཇུག་ཏུ་སྟོན་མའི་ཚུལ་དུ་རོལ་རྒྱུའི་འོ་ཐུག་ཟེར་བའང་འདི་ཉིད་ཡིན། འདུལ་བ་ལུང་གླེགས་བམ་༼ ང་པ ༽བམ་པོ་བརྒྱད་ཅུ་གྱ་ལྔ་པར། གྲོང་ཁྱེར་གྱི་དཔོན་པོ་སྡེ་ཅན་ཞེས་བྱ་བའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་ཞེས་བྱ་བ་གཉིས་ཀྱིས་སྟོན་པ་ལ་འོ་ཐུག་ཕུལ་བའི་ལོ་རྒྱུས་རྒྱས་པར་གསུངས་ཡོད་པས་དེར་བལྟ་བར་བྱའོ། །