8626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོད་གསལ་མ་བུ་འཕྲོད་པ
Tibetan Definition ལམ་དུས་སུ་བསྒོམས་སྟོབས་ཀྱིས་ཤར་བའི་འོད་གསལ་ལ་བུའི་འོད་གསལ་དང༌། གཞི་དུས་ཀྱི་འོད་གསལ་ལ་མའི་འོད་གསལ་ཟེར་བས། དེ་གཉིས་འཆི་བ་འོད་གསལ་གྱི་དུས་སུ་ངོ་འཕྲོད་པ་ལ་འོད་གསལ་མ་བུ་འཕྲོད་པ་ཟེར། མ་བུ་ངོ་འཕྲོད་ཅེས་པ། ཡོངས་གྲགས་ཀྱི་མ་བུ་དང༌། མ་ཡིག་དང་བུ་ཡིག་ལ་སྦྱར་ནས་བཤད་ཚུལ་གཉིས་ཡོད་དེ། རྗེ་ཤེས་རབ་རྒྱ་མཚོའི་འཇིགས་བྱེད་ཀྱི་རྫོགས་རིམ་གྱི་ཁྲིད་ཡིག་ལས། རང་གིས་བསྒོམ་པའི་འོད་གསལ་བུ་དང༌། གཞིའི་འོད་གསལ་ལ་མར་བྱས་ནས་དེ་གཉིས་མ་ཡིག་དང་བུ་ཡིག་ལྟར་ངོ་འཕྲོད་པ་ལ་འོད་གསལ་མ་བུ་འཕྲོད་པ་ཞེས་བྱ་ཡི། ཡོངས་གྲགས་ཀྱི་མ་བུ་དཔེར་བཀོད་པ་མིན། ཞེས་ཀྱང་གསུངས་སོ། །མ་ཡིག་དང་བུ་ཡིག་ཅེས་པ་མ་དཔེ་དང་དེ་ལ་དཔེ་བལྟས་ཏེ་བྲིས་པའི་ཡི་གེ་ལ་ཟེར།