8627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོད་གསལ་འཆར་བའི་གནས་སྐབས་ལྔ
Tibetan Definition ཤི་བ། བརྒྱལ་བ། གཉིད་ལོག་པ། གླལ་བ། འཁྲིག་པ་སྤྱོད་པའི་དུས་དང་ལྔའོ། །དེ་དག་གི་དུས་སུ་ཡུད་ཙམ་རེ་འཆར་བར་གསུང༌། རྗེའི་སྔགས་རིམ་ཆེན་མོ་ལས། དེ་ནི་ཞལ་ལུང་ལས། ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཤི་དང་བརྒྱལ་དང་གཉིད་ལོག་དང༌། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བས། ཞེས་ཤི་བ་ལ་སོགས་པ་གནས་སྐབས་ལྔར་ཆོས་སྐུ་མྱོང་བར་གསུངས་པ་དེ་ཡིན་ཏེ་རྟོག་པ་རགས་པ་ཞི་བ་ལ་དེ་ཉིད་རྟོགས་ཞེས་བཏགས་པ་ཙམ་ཡིན་གྱི་དེ་ཁོ་ན་ཉིད་རྟོགས་པ་མིན་ཏེ་དེ་ལྟ་མ་ཡིན་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས། །རྗེའི་རིམ་ལྔ་གསལ་སྒྲོན་ལས་ཀྱང་དེ་བཞིན་དུ་གསུངས་སོ། །