8645

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོན་ཀྱང༌
Tibetan Definition དེ་ལྟ་མོད་ཀྱི། འོ་ན་ཡང་ཞེས་པའི་བསྡུས་ཚིག་སྟེ། ཡིན་ནའང་། དེ་ལྟ་མོད་ཀྱི། དེ་འདྲ་རེད་དེ། ཁྱད་པར་སྟོན་པའི་ཚིག་ཅིག་གོ། བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག་ལས། འོན་ཀྱང་ཞེས་བྱ་བ་ནི་དེ་ལྟ་མོད་ཀྱི་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །ཁྱད་པར་དུ་ཞེས་པའི་དོན། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༢༢བ༢ལས། འོན་ཀྱང་ཞེས་བྱ་བ་ནི་ཁྱད་པར་དུའོ། །ཞེས་གསུངས་སོ། །