8654

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོལ་ཡང་མི་དབྱི
Tibetan Definition 1 དཔེར་ཡང་མི་བགྱི་ཞེས་པའམ། དཔེར་ཡང་མི་འགྲོ་ཞེས་པའི་དོན་ཡིན། འོལ་ཡང་ནི་དཔེར་ཡང་ཞེས་པའི་དོན་དང་། མི་དབྱི་ནི་མི་བགྱི་དང་མི་བགྱིད་ཅེས་པའི་དོན་ཡིན་ཏེ། དཔེ་འགའ་ཞིག་ན་མི་དབྱིའི་ཚབ་ཏུ་མི་བགྱི་དང་མི་བགྱིད་ཅེས་ཀྱང་འབྱུང་བའི་ཕྱིར་རོ། །བཤེས་སྤྲིངས་སྡེ་དགེ་བསྟན་འགྱུར་༼ ངེ་པ ༽༤༤བ༥ལས། འོལ་ཡང་མི་བགྱིད་ཆར་ཡང་མི་ཕོད་དོ། །ཞེས་འབྱུང་བ་ལྟར་རོ། །དེ་ཉིད་ལས། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པ། །བདེ་བའི་བདག་པོ་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་དབྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །རྒྱ་གར་གྱི་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པའི་བཤེས་སྤྲིངས་ཀྱི་འགྲེལ་པ་༼ ངེ་པ ༽༡༠༡བ༢ལས། སྡུག་བསྔལ་དེ་འདྲ་བ་དེ་ཡང་དམྱལ་བའི་སྡུག་བསྔལ་ཆུང་ངུ་དང་ཡང་མཉམ་པར་མི་འགྱུར་ཏེ། ཞེས་པ་ཙམ་ལས་འོལ་ཡང་མི་དབྱི་ཞེས་པའི་ཚིག་འགྲེལ་མི་སྣང་ངོ་། །