8655

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོལ་ཡང་མི་དབྱི
Tibetan Definition 2 སྤྱོད་ཡུལ་དུ་མ་གྱུར་པ། འོལ་སྤྱི་ཙམ་ཡང་མི་ཤེས་པ། འོལ་སྤྱི་ཙམ་ཡང་བློ་ཡུལ་དུ་མི་བྱེད་ཅེས་པའི་དོན། སྒྲ་བཤད་ནི། འོལ་ནི་འོལ་སྤྱི་དང་མི་དབྱི་ནི་མི་བགྱི་སྟེ་འོལ་སྤྱི་སྟེ་ཕྱོགས་འདྲ་ཙམ་ཞིག་ཀྱང་བློ་ཡུལ་དུ་མི་བགྱི་བ་སྟེ་མི་མཁྱེན་པ་ཞེས་པའི་དོན་ནོ། །ལམ་རིམ་མཆན་བཞི་སྦྲགས་༼ ག ༽༡༥ ན༦ནའང་དེ་ལྟར་གསལ་ལོ། །རྗེའི་ལམ་རིམ་ཆེན་མོ་ལས། དཔལ་ལྡན་མ་ཁོལ་གྱིས། ཁྱོད་ཀྱི་ཐུགས་ནི་རིན་པོ་ཆེ། །རྫོགས་པའི་བྱང་ཆུབ་ས་བོན་དེ། །དཔའ་ཁྱོད་ཁོ་ནས་སྙིང་པོར་མཁྱེན། །དེ་གཞན་སྐྱེ་བོས་འོལ་མི་དབྱི། །ཞེས་གསུངས་པ་ལྟར་རོ། །སྤྱིར་དབྱི་བ་ཞེས་པ་ནི་འདག་པར་བྱེད་པའམ་སུབ་པའི་དོན་ཏེ། འབྱིད་པ། ཕྱིས་པ། དབྱི་བ། ཕྱིས།