8661

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡ་ཐོག་རིང་མོ
Tibetan Definition (མཛོད) བར་བསྐལ་ཉི་ཤུའི་དང་པོ་ལ། ཡ་ཐོག་རིང་མོ་ཟེར། མཛོད་རྩ་བ་ལས། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །ཞེས་པས་ཡ་ཐོག་རིང་མོ་བསྟན་ཏོ། །བར་བསྐལ་ཉི་ཤུ་ལས་གཞན་བཅོ་བརྒྱད་པོ་རྣམས་ནི་ཡར་འཕེལ་མར་འགྲིབ་ཟུང་རེ་རེ་ཡོད་ལ། ཡ་ཐོག་རིང་མོ་ནི་མར་འགྲིབ་པ་རྐྱང་པ་དང་། མ་ཐོག་རིང་མོ་ནི་ཡར་འཕེལ་བ་རྐྱང་པ་ཡིན་པས། བར་བསྐལ་གཞན་བཅོ་བརྒྱད་པོ་རྣམས་ལྟར་ཉིས་ཁུག་མིན་ནོ། །སྒྲ་བཤད་ནི། འདི་བར་བསྐལ་ཉི་ཤུའི་འགོའམ་ཐོག་མ་ཡིན་པས། ཡ་ཐོག་ཟེར་བ་ཡིན་ལ། རིང་མོ་ནི་འདི་བར་བསྐལ་བཅོ་བརྒྱད་པོ་རྣམས་ལ་ལྟོས་ཏེ་འགྲོས་ཤིན་ཏུ་བུལ་ཞིང་དལ་བས་རིང་མོ་ཞེས་མིང་བཏགས་པ་ཡིན་ནོ། །དཔེར་ན་མི་དལ་ལྷོད་ཅན་ལ་མི་ཉི་མ་རིང་པོ་ཞེས་པ་ལྟ་བུའོ། །