8665

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡ་མཐའ
Tibetan Definition ཐོག་མ་དང༌། ཐོག་མའི་ཡང་ཐོག་མ་བཅས་ཀྱི་དོན། སུམ་ཅུ་པའི་རྩ་བ་ལས། གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲཱི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲཱི་ལིངྒ་སྦྱར་ན། །དགག་པའི་སྒྲ་རུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། ། ཡ་མ་ཟུང་། 1 ར་མ་ལུག ཆ་མི་མཚུངས་པ། ཆ་མི་སྙོམས་པ། གཞི་མི་མཚུངས་པ། དཔེར་ན་ཆ་ལུགས་ཡ་མ་ཟུང་ཞེས་པ་ལྟ་བུ། ཕལ་སྐད་དུ། ཆ་མིན་ཡ་དོར་ཞེས་པ་དང་དོན་འདྲ། སྒྲ་བཤད་ནི། ཟུང་ནི་ཆའི་དོན་ཡིན་པས། ཡ་ཡང་མ་ཡིན། ཟུང་སྟེ་ཆ་ཡང་མ་ཡིན་པས་ན། ཡ་མ་ཟུང་ཞེས་བྱའོ། །2 སྣ་ཚོགས་ཀྱི་དོན་ལའང་འཇུག་སྟེ། འཕགས་པ་ཀུན་དགའ་བོ་དང་། སྒྱུ་མའི་རིགས་སྔགས་ལ་ཤིན་ཏུ་མཁས་པའི་བྲམ་ཟེ་བྷ་ར་དྷཱ་ཛ་གནོད་པ་ཅན་སོགས་པ་དང་ཆོ་འཕྲུལ་འགྲན་པའི་ལོ་རྒྱུས་ཀྱི་སྐབས་ལས་ཀྱི་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༡༡ལས། དེ་ནས་འཕགས་པ་ཀུན་དགའ་བོས་ལུས་ཀྱི་བཀོད་པ་ལྔ་བརྒྱ་ཙམ་བསྟན་ཏེ། ལ་ལ་ནི་འོད་འབྱིན། ལ་ལ་ནི་ཆར་འབེབས། ལ་ལ་ནི་ནམ་མཁའ་ལ་སྤྱོད་ལམ་བཞི་བྱེད། ལ་ལ་ནི་སྟོད་ནས་མེ་འབར་ཞིང་སྨད་ནས་ཆུ་འབྲུབ་པ་ལ་སོགས་པ་ “ཡ་མ་ཟུང” གི་ཆོ་འཕྲུལ་མང་པོ་བསྟན་ཏེ་སླར་བསྡུས་སོ། །ཞེས་གསུངས་པ་ལྟ་བུ།