8667

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡ་མཚན་ཅན
Tibetan Definition 2 མུ་སྟེགས་ཅན་གྱི་མིང༌། སྒྲ་བཤད་ནི། རྡོའི་རྒྱབ་ལ་མྱུ་གུ་མི་སྐྱེ་བ་དང་མུ་སྟེགས་ཅན་ལ་ཐར་པའི་མྱུ་གུ་སྐྱེ་བར་འདོད་པ་ནི་ཡ་མཚན་ཅན་ཡིན་པས་དེ་སྐད་ཅེས་བྱའོ་ཞེས་མཚོ་ཊཱིཀ་གསུང་ངོ༌། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༤༤ན༡ལས། ཡ་མཚན་ཅན་ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་རབ་ཏུ་བྱུང་བ་སྤྱིའི་མིང་སྟེ། ཅིའི་ཕྱིར་ཡ་མཚན་ཅན་ཞེས་བྱ་ཞེ་ན་འདུལ་བ་རྣམ་པར་བཤད་པ་ལས་པཱ་ཥ་ཎ་ཊི་ཀ་ཞེས་བྱ་བ་ནི་རྡོའི་རྒྱབ་སྟེ། ཇི་ལྟར་རྡོའི་རྒྱབ་ཏུ་ས་བོན་བཏབ་པས་མྱུ་གུ་སྐྱེ་མི་ནུས་པ་དེ་བཞིན་དུ་གཞན་མུ་སྟེགས་ཅན་དག་གིས་ཀྱང་ཐར་པའི་མྱུ་གུ་སྐྱེ་མི་ནུས་པས་རྡོ་རྒྱབ་པ་ཞེས་བྱ་བར་གསུངས་སོ། །ཞེས་གསུངས་སོ། །