8672

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡ་རབས་ཀྱི་སྤྱོད་པ
Tibetan Definition ཡ་རབས་ཀྱི་སྤྱོད་པ་ཟེར་བ་ག་འདྲ་ཞིག་ལ་ཟེར་བ་ཡིན་ཞེ་ན། ཕ་མ་ལ་ཤིན་ཏུ་གུས་པ། རྒན་རབས་རྣམས་ལ་ལུས་ངག་གི་སྲི་ཞུ་ཞབས་ཏོག་ཞུ་བ། ཡུལ་ཁྲིམས་ལེགས་པར་སྲུང་བ་བཅས་ལ་ཟེར་བ་ཡིན་ཏེ། སློབ་དཔོན་དཔའ་བོས་མཛད་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ཡི་གེར་བྲིས་པ་ལས། ཕ་དང་མ་ལ་རབ་གུས་ཤིང་། །རྒན་ལ་སྲི་ཞུ་བྱེད་པ་དང་། །མི་ཡི་ཆོས་ལུགས་ལེགས་སྲུང་བ། །འདི་ནི་ཡ་རབས་སྤྱོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །