8693

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་སོས
Tibetan Definition ཚ་དམྱལ་བརྒྱད་ཀྱི་དང་པོ། ཡང་སོས་ན་ནི། སེམས་ཅན་དམྱལ་བ་པ་དེ་དག་ཕན་ཚུན་འདུས་ནས་ལས་ཀྱི་དབང་གིས་མཚོན་ཆ་སྣ་ཚོགས་རིམ་གྱིས་འབྱུང་བ་རྣམས་ཀྱིས་གཅིག་གིས་གཅིག་ལ་སྣུན་པར་བྱེད་དོ། །དེ་ནས་བརྒྱལ་ཏེ་ས་ལ་འགྱེལ་བ་དང་ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་འབྱུང་ངོ༌། །དེ་ནས་ཡང་ལངས་ཏེ་སྔར་ལྟར་སྣུན་པར་བྱེད་པས་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་འགྱུར་རོ། །