8703

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡན་ལག་གི་རླུང་ལྔ
Tibetan Definition ༡ རྒྱུ་བ། (རྒྱུ་བ་ཁ་དོག་དམར་པོ) ༢ རྣམ་པར་རྒྱུ་བ། (རྣམ་པར་རྒྱུ་བ་སྔོན་པོ) ༣ ཡང་དག་པར་རྒྱུ་བ། (ཡང་དག་པར་རྒྱུ་བ་སེར་པོ) ༤ རབ་ཏུ་རྒྱུ་བ། (རབ་ཏུ་རྒྱུ་བ་དཀར་པོ) ༥ ངེས་པར་རྒྱུ་བ་དང་ལྔའོ། ། (ངེས་པར་རྒྱུ་བ་ལྗང་ཞེས་རྗེ་འགོས་གསུང་ངོ་ཞེས་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ) དེ་དག་ལ་རིམ་པ་བཞིན་ཀླུ་དང༌། རུས་སྦལ། རྩངས་པ། ལྷ་སྦྱིན། གཞུ་ལས་རྒྱལ་ཞེས། (གཞུ་ཞེས་ཀྱང་འཐད། གཞུ་ལས་རྒྱལ་ལ་འགྲེལ་པ་རྣམས་ལས་ནོར་ལས་རྒྱལ་ཞེས་བཤད་པའང་ཡོད་དོ། །ཞེས་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ) མིང་དེལྟར་བཏགས་པའི་རྒྱུ་མཚན་ནི། རླུང་དེ་དག་གི་དབྱིབས་ཀླུ་སྟེ་སྦྲུལ་སོགས་དང་འདྲ་བའི་ལུས་ཀྱི་ཆ་ཤས་ལས་བྱུང་བས་དེ་ལྟར་བཏགས་ཏེ། རྒྱལ་ཚབ་ཆོས་རྗེས། ཡན་ལག་གི་རླུང་ལ་ཐ་སྙད་སྔ་མ་ལྟར་འདོགས་པའི་རྒྱུ་མཚན་ནི། རྗེ་འགོས་ཀྱི་གསུང་ལས། དེ་ལྔ་པོ་རིམ་པ་བཞིན་དུ་གཉེ་མ་སྦྲུལ་དང་འདྲ་བ་དང༌། མཆིན་པ་རུས་སྦལ་འདྲ་བ། གློ་བ་རྩངས་པ་འདྲ་བ། སྙིང་ལྷ་སྦྱིན་གྱི་བུ་མོའི་གོས་དང་འདྲ་བ། མཁལ་མ་གཞུའི་དབྱིབས་དང་འདྲ་བ་རྣམས་ལས་བྱུང་བས་དེ་ལྟར་བཏགས་ཞེས་གསུངས་སོ། །