875

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏའ་གམ་པ
Tibetan Definition (འདུལ་བ) ཆུང་དུས་ནས་ནད་ཀྱིས་ལང་ཚོ་ཉམས་ཤིང་མགྱོགས་པར་རྒས་ཏེ་བྱ་བ་ཅུང་ཟད་ཀྱང་བྱེད་མི་ཐུབ་པའི་གང་ཟག་ལ་ཟེར། སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་སྟོད་ཆ་༼ འུ ༽༣༥བ༧ལས། གཏའ་གམ་པ་ཞེས་བྱ་བ་ནི། གང་དག་ལང་ཚོ་མ་བབ་པ་ཁོ་ནར་ནད་ལ་སོགས་པས་དེ་ལྟར་ཉམས་པར་གྱུར་ཅིང་། ཏེ་པོར་རྒས་པས་ཉམས་པ་བཞིན་དུ་བྱ་བ་ཅུང་ཟད་ཀྱང་བྱེད་མི་ནུས་པ་སྟེ། བྱུང་བ་ཉིད་ནས་དེ་དག་གི་ལང་ཚོ་ཉམས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པ་ལྟར་རོ། །