From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡིད་ཀྱི་བརྗོད་པ
|
Tibetan Definition
|
ཡིད་ཀྱི་ཤེས་པ། ཡིད་ཀྱིས་འདི་ནི་འདིའོ་ཞེས་རྣམ་པར་རྟོག་པའི་དོན་ཏེ། དཔེར་ན་ཡིད་ཀྱི་བརྗོད་པ་སྤངས་ལ་ཞི་གནས་བསྒོམ་པར་བྱའོ། །ཞེས་རྗེའི་ལམ་རིམ་ཆེན་མོར་གསལ་བ་ལྟར་རོ། །རྗེའི་སྔགས་རིམ་ཆེན་མོ་༤༠༠ན་ལས། གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་ཡིད་ཀྱི་བརྗོད་པ་ལ་བྱ་བར་བཤད་ན། ཞེས་གསུངས་པ་ལྟ་བུ། བོད་ཡིག་ལ་འདི་འདྲའི་ཐ་སྙད་མེད་ཀྱང་། འདི་ལེགས་སྦྱར་གྱི་སྐད་དོད་ཀྱི་ཐོག་ནས་བྱུང་བ་ཞིག་ཡིན་པ་འདྲའོ། །བོད་སྐད་ལ་གོ་རྒྱུ་མེད་པའི་ཐ་སྙད་ཡ་མཚན་པ་འདི་འདྲའི་རིགས་མང་པོ་ཡོད།
|