8770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་ཁྱོད
Tibetan Definition ཡིད་ཁྱོད་དམ་སེམས་ཁྱོད་ཅེས་པ་རང་གི་སེམས་ལ་ཟེར་བ་ཡིན། འདི་ནི་རང་དང་རང་གི་སེམས་གཉིས་འཁྲུག་རྩོད་བྱུང་སྟེ་ཕན་ཚུན་ཤོད་རེས་བྱེད་ཀྱི་ཡོད་པའི་རྣམ་པ་ལྟ་བུ་ཡིན། སྤྱོད་འཇུག་ཆེན་མོ་ལས། འདི་ཡིས་ (ཚེ་རབས) བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་བདག་ལ་གནོད་པ་བྱས། །ཡིད་ཁྱོད་ (སེམས་ཁྱོད་རང) རང་དོན་བྱེད་འདོད་པས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང༌། །ངལ་བ་ཆེན་པོ་དེ་ལྟ་བུར། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས། །ཞེས་གསུངས་པ་ལྟར་རོ། །