From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཏི་ཐུག
|
Tibetan Definition
|
2 རྨོངས་རྟུལ། རྗེའི་རྣམ་ཐར་ཆེན་མོ་ལས། གོང་དུ་བཀོད་པ་འདི་དག་ནི་ཁ་ནས་འདོན་རྒྱུ་ལྕེ་མིན་པ་མེད་པའི་བླུན་པོ་སྙིང་ཁམས་ཅན། ཕྲག་དོག་གི་དུག་ཆུས་མྱོས། ལོག་རྟོག་གི་འདམ་དུ་ཚུད། རང་འདོད་ཀྱི་ཞགས་པས་ཟིན། རྨོངས་ཞེན་གྱི་མུན་པ་འཐིབ་པ་ཞིག་གིས་སོ་སོའི་འཁོར་སློབ་གཏི་ཐུགཁ་ཤས་དང༌། ཤ་མར་རྩམ་པ་སོགས་ཀྱིས་ཕན་འདོགས་པའི་སྦྱིན་བདག་འགའ་ཞིག་ཙམ་རི་བོ་དགེ་ལུགས་པའི་ཕྱོགས་སུ་ཁ་འཆུས་དོགས་ཀྱི་སྡུག་བསྔལ་གྱིས་ཀུན་ནས་བསླངས་ཏེ་འདི་འདྲ་ཞིག་བརྩམས་ན། རྨོངས་རྒན་དེ་དག་ལ་བཟང་ངན་འབྱེད་པའི་བློ་གྲོས་མེད་པའི་དབང་གིས་གང་སྨྲས་པ་དེ་དག་ཡིན་ཤག་གིས་བདེན་པར་འཛིན་ཡོང་སྙམ་པའི་ལྟོགས་འདོད་ཀྱི་བསམ་པ་དེ་ཙམ་ཞིག་གིས་སྦྱར་བ་ཡིན་འདུག་ཅིང༌། ཞེས་དང་། ཡང་དེ་ཉིད་ལས། གླིང་ལོག་ལོ་གཅིག་ཟླ་བ་བཅུ་གསུམ་འབྱུང༌། །ཟེར་བ་ནི།གཏི་ཐུགལ་སོང་བའི་གཤིས་ཀྱིས་གླིང་ལོག་གི་དོན་ནི་མ་ཤེས། རྣ་བས་དེ་འདྲ་ཞིག་ཐོས་པ་ན་མི་ཤིས་པ་གོ་བ་ལོག་པ་འདྲ་བ་ཞིག་བྱུང་བར་གོ་རུ་རེ་བ་དང༌། དེ་ཡང་གྲངས་ངེས་འདོགས་ཁ་པོ་བྱས་ན་བདེན་པར་འཛིན་ཨེ་ཡོངས་བསམ་པ་ཡིན་འདུག་ཀྱང༌། ཁོ་རང་དང་རིགས་མཐུན་བྱུང་ན་མ་གཏོགས་སུས་བདེན་པར་འཛིན། ཞེས་དང་། ཞེས་གསུངས་པ་ལྟར་རོ། །
|