8780

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་བཞིན་གྱི་མཚོ
Tibetan Definition ཡིད་བཞིན་རྒྱ་མཚོ་དང་འདྲ་བར་སེམས། ཡིད་བཞིན་རྒྱ་མཚོ་ལ་གཟིགས། ཡང་རྣམ་རྒྱལ་མའི་བསྟོད་པ་རྗེ་ཙོང་ཁ་པས་མཛད་པས་ལས། ཡིད་བཞིན་མཚོ་ཡི་ངོགས་ཀྱི་པད་སྡོང་བཞིན། །དྲང་ཞིང་ལྡེམ་པའི་སྐེད་སྐབས་གསལ་བ་ཅན། །ཞེས་གསུངས། དེའི་ཐད་ཀྱི་ཅོ་ནེ་བླ་མའི་འགྲེལ་པ་ལས། ཐུབ་པའི་སྐྱེས་རབས་ནས་འབྱུང་བ་ལྟར་གྱི་ཡིད་བཞིན་གྱི་མཚོ་དེའམ། ཡང་ན་ཡིད་བཞིན་ཏེ་ཡིད་དུ་འོང་བའི་རྒྱ་མཚོ། ཞེས་སོགས་གསུངས།