From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| གཏི་མུག
|
| Tibetan Definition
|
(དབུ་མ) མ་རིག་པ་དང་དོན་འདྲ། རྗེའི་ལམ་རིམ་ཆེན་མོ་ལས། འོ་ན་གཏི་མུག་དེ་ཇི་འདྲ་ཞིག་ཡིན་སྙམ་ན། ཕྱི་ནང་གི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རང་བཞིན་སྒྲོ་འདོགས་པའི་བློ་ནི་འདིར་མ་རིག་པ་སྟེ། བཞི་བརྒྱ་པའི་འགྲེལ་པ་ལས། རྣམ་པར་ཤེས་པ་དངོས་པོའི་རང་གི་ངོ་བོས་ལྷག་པར་སྒྲོ་འདོགས་པར་བྱེད་པ་ཉོན་མོངས་པ་ཅན་གྱི་མི་ཤེས་པའི་དབང་གིས་དངོས་པོ་རྣམས་ལ་ཆགས་པ་དང་ལྡན་ཞིང་འཁོར་བར་འཇུག་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་འགགས་པ་ལས་འཁོར་བ་ལྡོག་པར་རྣམ་པར་བཞག་གོ་ཞེས་བསྟན་པའི་ཕྱིར། ཞེས་གསུངས། ཞིབ་པར་མ་རིག་པ་ཞེས་པའི་ཐད་དུ་གཟིགས།
|