From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡུ་གུར
|
Tibetan Definition
|
ཤིན་ཅང༌། ཤིན་ཅན་ཡུ་གུར། འདི་དིང་སང་ཕྱི་རྒྱལ་བས་ Xinjiang Uygur ཤིན་ཅང་ཝི་གར་ཞེས་འབོད་པ་དེ་རང་ཡིན་པར་སྙམ། དབྱིན་སྐད་སྨྲ་བ་རྣམས་ཀྱི་ཝི་གར ”wEEger” ལྟ་བུར་བརྗོད་རུང༌། དོན་དུ་ཨཱུ་གུར་ ”ooygOOr” ཞེས་བརྗོད་ན་ཡུལ་མིའི་རང་སྐད་དང་མཐུན་ཚབས་ཆེ་བ་ཡོད་ལུགས་བརྗོད་མཁན་ཡོད། ཞྭ་སྒབ་པའི་རྒྱལ་རབས་སྟོད་ཆ་༢༧༤ལས། ཡུ་གུར་ནི་དེང་སང་ཤིན་ཅང་ཟེར་བ་དེ་ཡིན། ཞེས་གསལ། ཡུ་གུར། ལི་ཡུལ། ཤིན་ཅང་རྣམས་དོན་གཅིག ཡར་ཀན་དང་ཤིན་ཅང་དོན་གཅིག་ཏུ་བཤད་ཀྱང༌། ཞིབ་ཏུ་བརྟགས་ན་ཡར་ཀན་ནི་ཤིན་ཅང་གི་གྲོང་ཁྱེར་ཞིག་གི་མིང་ཙམ་ལས་ཤིན་ཅང་ཡོངས་རྫོགས་ལ་གོ་ན་འགྲིག་གི་མི་འདུག ཞིབ་པ་ཡར་ཀན་ལ་གཟིགས།
|