8818

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུག་ཟ་མོ
Tibetan Definition (འདུལ་བ) ཡུག་ཟ་མོ་སྟེ། ཁྱོ་ཤི་བའི་བུད་མེད་ཀྱི་མིང་། དེང་སང་ཕྱི་རྒྱལ་གྱི་ཡིག་ཆ་མང་པོར་ widow ཞེས་པ་བོད་ཡིག་ཏུ་བྲིས་ཚེ་ཡུག་ཟ་མོའམ། ཡུག་ཟ་མ་ཞེས་བྲིས་ན་དམོད་མོ་འདེབས་པའི་ཚིག་གམ་གཤེ་ཚིག་ཏུ་འགྱུར་བས། དབྱིན་ཡིག་གི་ widow ཞེས་པའི་ཚིག་འདིའི་སྐད་དོད་ལ་ཡུག་མོ་ཞེས་བེད་སྤྱོད་བྱས་ན་དམོད་ཚིག་དང་དམའ་འབེབས་སུ་མི་འགྱུར་བར་ཤིན་ཏུ་འཚམ་པར་སེམས་སོ། །སྒྲ་བཤད་ནི། ཡུག་ཞེས་པ། ཁྱོས་རྗེས་སུ་གཡུགས་པ་ལྟ་བུ་ཡིན་པས་ན་ཡུག་ཞེས་བཏགས་པར་སེམས། ཁྱོ་མོ་ཤི་བའི་ཕོ་ཧྲེང་ལ་ཡུག་ཕོའམ་ཡུག་པོ་ཟེར། དབྱིན་སྐད་དུ་ widower ཟེར། འདི་ལ་ཡུག་མོ། ཡུག་ཟ་མ། ཡུག་ཟ་མོ། ཡུག་ས་མ། ཡུག་ས་མོ། ཡུགས་མོ། ཡུགས་ཟ་མ། ཡུགས་ས་མ། ཡུགས་ས་མོ་བཅས་ཟེར།