8823

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུང་བ
Tibetan Definition སྒ་སེར་གྱི་མིང་དུ་བཤད། ཡུང་ང་དང་དོན་གཅིག ས་སྐྱ་ལེགས་བཤད་ལས། བློ་གྲོས་ལྡན་པ་གཉིས་བགྲོས་ན། བློ་གྲོས་ལེགས་པ་གཞན་འབྱུང་སྲིད། །ཡུང་བ་དང་ནི་ཚ་ལ་ལས། །ཁ་དོག་གཞན་ཞིག་སྐྱེ་བར་འགྱུར། །ཞེས་གསུངས། དཔེ་དེའི་དོན་ནི། ཡུང་བ་ནི་སྒ་སེར། ཚ་ལ་ནི་ཚྭའི་རིགས་ཤིག་སྟེ། དེ་གཉིས་བསྲེ་བསྲེ་བཏང་ན་ཁ་དོག་གཞན་ཞིག་འབྱུང་ངོ་། །ཞེས་པའོ། །