8833

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུམ་སྲས་བཅུ་བདུན
Tibetan Definition བོད་སྔ་རབས་པས་མངོན་རྟོགས་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ལ་ཡུམ་སྲས་བཅུ་བདུན་ཡོད་པར་བཤད་དེ། ཡུམ་དྲུག་དང་སྲས་བཅུ་གཅིག་གོ། ཡུམ་དྲུག་ནི། འབུམ། ཉི་ཁྲི། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། མདོ་སྡུད་པ་ (འདི་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བཞི་པ་ཡིན) རྣམས་ཡིན་ལ། དེ་རྣམས་ལ་ཡུམ་ཞེས་བརྗོད་པའི་རྒྱུ་མཚན་ནི། དེ་རྣམས་བརྗོད་བྱ་མངོན་པར་རྟོགས་པ་བརྒྱད་དུ་ཕྱེ་ནས་སྟོན་པའི་ཤེར་ཕྱིན་གྱི་མདོ་ཡིན་པའི་རྒྱུ་མཚན་གྱིས་ཡིན། སྲས་བཅུ་གཅིག་ནི། ཤེར་ཕྱིན་བདུན་བརྒྱ་པ། (འདི་དཀོན་མཆོག་བརྩེགས་པའི་འདུས་པ་ཞེ་དྲུག་པ་ཡིན) ཤེར་ཕྱིན་ལྔ་བརྒྱ་པ། ཤེར་ཕྱིན་སུམ་བརྒྱ་པ་ (འདི་རྡོ་རྗེ་གཅོད་པ་ཡིན) ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ། (འདི་རྒྱུད་དུ་གཏོགས) ལྔ་བཅུ་པ། སྒོ་ཉེར་ལྔ་པ། (འདི་ཡང་རྒྱུད་དུ་གཏོགས) རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཀཽ་ཤི་ཀས་ཞུས་པ། ཤེར་ཕྱིན་ཡི་གེ་གཅིག་མ། ཡི་གེ་ཉུང་ངུ༌། ཤེས་རབ་སྙིང་པོ་རྣམས་སོ། །དེ་རྣམས་ལ་སྲས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་བརྗོད་བྱ་མངོན་པར་རྟོགས་པ་བརྒྱད་དུ་ཕྱེ་ནས་མི་སྟོན་པར་བརྗོད་བྱ་ཕྱོགས་རེ་བ་ཙམ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། འོན་ཀྱང་རྣམ་བཤད་སྙིང་པོའི་རྒྱན་རང་ལུགས་ལ། རྒྱན་གྱི་བཤད་བྱ་རྩ་བའི་མདོ་ལ་ཡུམ་རྒྱས་འབྲིང་གསུམ་ཁོ་ནར་ངེས་པར་གསུངས་སོ། །སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་ཀློང་རྡོལ་བླ་མ་སོགས་ཀྱི་གསུང་ལ་གཞི་བྱས་ཏེ་བཀོད།